ཁྲི་ལྡེ་གཙུག་བརྟན།
༥༠༽ ས་བྱི་(ཕྱི་ལོ་༦༨༨)ལོར། བཙན་པོའི་གཅེན་མོ་ཁྲི་མོ་སྟེངས་དྭགས་ཡུལ་རྗེ་བོའི་བཙུན་མོར་བརྫངས་ཏེ་གཉེན་སྟོན་ཕུན་སུམ་ཚོགས་པ་བྱས།
༥༡༽ ས་གླང་(ཕྱི་ལོ་༦༨༩)ལོར། ཨ་ཆེ་ཁྲི་པངས་འ་ཞའི་རྗེ་བོའི་བཙུན་མོར་བརྫངས་ཏེ་གཉེན་སྟོན་ཆེན་པོ་བྱས། དེ་བས་ནང་ཁུལ་གྱི་མཛའ་འབྲེལ་དམ་ཟབ་ཏུ་གྱུར་ཅིང་ཆབ་སྲིད་ལྷིང་འཇགས་སུ་གྱུར།
༥༢༽ ཆུ་འབྲུག་(ཕྱི་ལོ་༦༩༢)ལོར། རྒྱའི་དམག་དཔོན་ཆེན་པོ་ཝང་ཞའོ་ཅེ་ཡིས་ཁྲི་དམག་གཅིག་ཁྲིད་ནས་བོད་དམག་ལ་འཐབ། ཡན་ཇི་སོགས་ཤིན་ཅང་གི་ཞིང་ཆེན་བཞི་པོ་ཕྱིར་བླངས།
༥༣༽ ཤིང་ལུག་(ཕྱི་ལོ་༦༩༥)ལོར། གོང་མ་ཝན་སོས་ཏིན་གྱིས། ཝང་ཞའོ་ཅེ་སུའུ་པེའན་ཏའོ་ཡི་སྤྱི་ཁྱབ་དམག་དཔོན་དང༌། ལིག་ཧྲེ་ཏེ་དམག་སྤྱི་གཞོན་པར་བསྐོས།
༥༤༽ མེ་སྤྲེལ་(ཕྱི་ལོ་༦༩༦)ལོར། ཁོ་གཉིས་ཀྱིས་རི་བོ་སུའུ་ལོ་ཧན་དུ་དམག་དྲངས་ནས་བློན་ཁྲི་འབྲིང་དང་བཙན་བྲོད་ཀྱི་བོད་དམག་དང་འཐབ་ནས་ཕམ་ཉེས་ཆེན་པོ་བྱུང་བས། རྒྱ་ནག་གོང་མ་ཐུགས་ཁྲོས་ཏེ། ཝང་ཞའོ་ཅེ་ཡི་གོ་གནས་བླངས།